彌勒海潮音
兜率百尊上師瑜伽法

༄༅།།དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ།།

【兜率百尊上師瑜伽法】

 

【 皈 依 文 】

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།

諸佛正法賢聖三寶尊

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།

從今直至菩提永皈依

བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།

我以所修施等諸資糧

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།

爲利有情故願大覺成

ལན་གསུམ།།

( 三 遍 )

【 四 無 量 心 】

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།

願 諸 衆 生 永 具 安 樂 及 安 樂 因

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།

願 諸 衆 生 永 離 衆 苦 及 衆 苦 因

སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག།

願諸衆生永具無苦之樂  我 心 喜 悅

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།

願諸衆生遠離貪嗔之心  住 平 等 舍

ལན་གསུམ།།

( 三 遍 )

 

【 兜 率 百 尊 正 文 】

དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།།

從於兜率天眾依怙心

རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།།

湧出新酪累累淨白雲

ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས།།

遍知法王善慧賢名稱

སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།།

願同法子於此降來臨

མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།།

面前空中獅子蓮月座

རྗེ་བཙུན་བླ་མ་དགྱེས་པའི་མཛུམ་དཀར་ཅན།།

至尊本師熙怡晏然居

བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།།

我心皈信無上勝福田

བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།།

弘宣聖教百劫願久住

ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།།

遍了所知正量善慧意

སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་།།

賢士耳根莊嚴妙善語

གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།།

名稱具德光耀端肅身

མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།།

見聞憶念得益我敬禮

ཡིད་འོངས་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།།

奪意功德之水種種花

དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།།

妙味燒香燈明塗香等

དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།།

實設意化供雲大海聚

བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།།

上師殊勝福田至誠敬

གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི།།

我從無始時來廣積集

ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་།།

身語意三所做眾罪等

ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།།

三部律儀違越諸品纏

སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།།

至心痛悔猛勵各各懺

སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།།

濁世多聞勤修恒精進

ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།།

有暇圓滿大義離八風

མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།

依怙創修廣大利益行

བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།།

我等至心繫念作隨喜

རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི།།

具德無上最勝諸師尊

ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།།

法身虛空遍佈悲智雲

ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ།།

應機調伏所化之大地

ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ།།

深廣正法甘霖願普興

བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།།

盡我所有積集諸善根

བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།།

興隆正法饒益遍有情

ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡིས།།

尤願法王至尊宗喀巴

བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག།

聖教心要恒常普光映

 

【 曼 達 供 養 】

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ།།

遍 地 香 塗 鮮 妙 雜 花 敷

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།།

須 彌 四 洲 日 月 頂 莊 嚴

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།།

以 此 所 緣 諸 佛 佛 土 獻

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག།

願 諸 眾 生 清 凈 佛 剎 行

ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིར་ཡ་ཏ་ཡཱ་མི།

依當 古如 惹那 曼紮拉崗 尼雅噠雅彌

 

【 宗 喀 巴 祖 師 讚 】

༄༅།།དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།

無緣大悲寶庫觀世音

དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

無垢大智湧泉妙吉祥

བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།

摧伏魔軍無餘秘密尊

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།

雪頂智嚴善巧宗喀巴

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

賢慧普聞足下作白啟

 

【 觀 想 融 入 】

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།

具德根本無上大寶師

བདག་གི་སྤྱི་བོར་པད་མོའི་སྟེང་བཞུགས་ལ།།

安住於我頂間蓮月輪

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ་།།

大恩難得門中隨攝引

སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་བསྩལ་ཏུ་གསོལ་།།

身口意三悉地使我成

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།

具德根本無上大寶師

བདག་གི་སྙིང་གར་པད་མོའི་སྟེང་བཞུགས་ལ།།

安住於我心間蓮月輪

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ་།།

大恩難得門中隨攝引

མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ་།།

勝共二種悉地使我成

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།

具德根本無上大寶師

བདག་གི་སྙིང་གར་པད་མོའི་སྟེང་བཞུགས་ལ།།

安住於我心間蓮月輪

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ་།།

大恩難得門中隨攝引

བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བཞུགས།།

乃至成就菩提堅固住

 

【 回  向 】

བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།

如寶珍貴菩提心

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།

未生出者願生出

སྐྱེས་པ་ཉམས་པར་མེད་པ་དང་།།

已生出之菩提心

གོང་ནས་གོང་དུ་འཕེལ་བར་ཤོག།

祈不退轉倍增長

ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།།

願於弘揚宗喀巴

ཆོས་ཚུལ་རྣམ་པར་འཕེལ་བ་ལ།།

法王正法理則際

བགེགས་ཀྱི་མཚན་མ་ཞི་བ་དང།།

止息障礙之徵兆

མཐུན་རྐྱེན་མ་ལུས་ཚང་བར་ཤོག།

一切順緣悉圓滿

བདག་དང་གཞན་གྱི་དུས་གསུམ་དང།།

我及他人之三世

འབྲེལ་པའི་ཚོགས་གཉིས་ལ་བརྟེན་ནས།།

依止相屬二資已

རྒྱལ་བ་བློ་བཟང་གྲགས་པ་ཡི།།

祈願善慧名稱佛

བསྟན་པ་ཡུན་རིང་འབར་གྱུར་ཅིག།

教法永住盛增長

 

【 緣 悲 讚 】

無緣大悲寶藏觀世音,

無垢智慧之王妙吉祥,

摧滅諸魔軍眾秘密主,

雪國聖賢頂嚴宗喀巴,

善慧名稱足前誠祈請。

以前有位蒙古皇族因繁忙,故要求班禪大師傳其一簡易日常小修法,班禪大班問其欲求何法?皇族回答兜率天眾,班禪大師面露驚奇臉色說,您什可說此為小法,此為最深粵之大法,包括諸佛心要於其中。因此歷代許多成就大師為其作批註,可見其殊勝異常。
 

《甚深道兜率天上師瑜珈法·耳傳秘訣大寶藏》說:「因此精進修持與自己根本上師和文殊怙主宗喀巴大師無二無別的瑜珈法,是安立此生後世善好圓滿的根本,能趣入聞、思、修的扼要,障礙不能安立,防護凶煞、王難、龍的傷害,諸求具義者如願成就,特別于廣大、顯明,甚深、快速教法事業等任何自己想修習的都如漸增的滿月,漸次體驗成就,生生世世必定値遇宗喀巴大師的教法,往生兜率天等無量的利益功德。」

《上師瑜珈悉地寶庫》記載:「杜那巴·貝滇桑波說:『色地方有一個家主,被白哈王傷害,家中死了很多人,特別是要傷害他一個鍾愛的兒子。』那時候杜那巴囑咐白哈王發誓:「不可以傷害修持『兜率天上師瑜珈法』與『緣悲讚』祈請文合修者。」

帕邦嘉寧波車說:『只是誦《兜率百尊》一個月,同時修廣大、明瞭或速疾智慧的法門,該種智慧定必有所增長。這是有經驗為證的。毫無疑問,修習此上師瑜伽,行者可一生又一生值遇大師的教法,死後往生兜率淨土。』

梭巴仁波切:修持此上師瑜伽,你不會被內外災障侵擾,免卻穢氣、癱瘓、龍、王魔、贊魔種種魔祟。此法更能令你如願以償,特別是成就廣大、明瞭、速疾、甚深、講說、辯論、著述七種智慧。毫無疑問,你會生生世世值遇大師的教法,死後往生兜率淨土。

雪歌仁寶齊:修持「兜率天上師瑜珈法」與「緣悲讚」祈請文,可以遮除一般修行的障礙和所有羅睺(天上的星難)、地魔的傷害;特別是祈請慈悲心、菩提心及甚深中觀見等共不共成就之祈請中之最殊勝者;消除障礙、發揮效用一切之王,即此「緣悲讚」;乃至人世的妖魔鬼怪,國王的微細傷害都能止息。

ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས།།

生生願由勝者宗喀巴

ཐེག་མཆོག་བཤེས་གཉིན་དངོས་སུ་མཛད་པའི་མཐུས།།

親作勝乘攝引知識力

རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།།

諸佛所讚妙善安穩道

སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།

僅刹那頃亦不暫捨離